【藏族原创歌手】俄旦首张个人专辑《འབྲོང་གི་རྨིག་རྗེས།》

藏歌音乐网2021-11-22 13:32:28

藏歌音乐网

藏歌音乐网主要分享藏区各地的新闻,藏族经典歌曲、视频、经典藏族小品、藏传佛教、等等。专注藏族文化教育、致力于为广大藏族同胞提供一个互动交流的服务




专辑介绍








 



 

མི་ནི་མ་གཞི་ནས་རེ་བའི་ངང་རང་གི་འདོད་པ་འགྲུབ་ཕྱིར་དུ་གསོན་ཡོད་པ་འདྲ་ཞིང་། མི་རང་རང་གདམ་ག་དང་འཚོལ་སྙེག་གི་ལམ་ཁ་སོ་སོ་རེ་ཡོད་ངེས།   བདག་རྡུང་ལེན་དང་གླུ་དབྱངས་སྒྱུ་རྩལ་ལ་དུང་བ་ཟབ་པའི་མི་བུ་ཞིག་ཡིན་པ་བསྒྱུར་ཐབས་མེད་ལ།  བདག་གི་གླུ་གཞས་ཉན་མཁན་ཁྱེད་ཅག་གིས་ཀྱང་བདག་ལ་རྒྱབ་སྐྱོར་དང་དོ་ཁུར་བྱས་པའི་འོག   རང་ལ་སྤོབས་པ་དང་སྙིང་སྟོབས་བྱིན་མྱོང་ལ།   བདག་གིས་གླུ་སྒྱུ་རྩལ་ལ་དུང་བ་ཡོད་ཙམ་མ་ཡིན་པར་མུ་མཐུད་ནས་རྒྱུན་སྐྱོང་བྱེད་ཀྱིན་མི་ལོ་གཉིས་རིང་འབད་འབུང་བརྩོན་ལེན་བྱས་མཐར་༼འབྲོང་གི་རྨིག་རྗེས་༽ཞེས་པའི་བརྙན་འཁོར་ཆེད་སྒྲིག་ཅིག་2016ལོར་ལོ་མཇུག་ཏུ་ཉན་མཁན་རྣམས་ལ་ལེགས་སྐྱེས་སུ་འབུལ་རྩིས་ཡོད་པས།   བདག་ལ་ཐོག་མཐའ་བར་གསུམ་ནས་ལྷག་བསམ་གཙང་མས་མཐུན་རྐྱེན་དང་རོགས་ལྡན་གནང་བའིི་གྲོགས་པོ་དང་ཉན་མཁན་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་ཐུགས་རྗེ་ཆེ་ཞུ་བ་ཡིན།    ཆེད་སྒྲིག་དབྱངས་ཚིག་གནའ་དེང་ཟུང་འབྲེལ་བྱས་ཤིང་ཚིག་འབྲི་བ་པོ་བོད་ཁུལ་དུ་དོ་སྣང་ཡོད་པའི་གཞས་ཚིག་རྩོམ་པ་བོ་དག་ཡིན་ལ་དབྱངས་རྟ་ཡང་རང་ཉིད་ཉམས་མྱོང་དང་བདག་སྒྱུ་རྩལ་བཟུང་བའི་ལྟ་གྲུབ་ཀྱི་གཞི་བྱས་ཏེ་བརྩམས་པ་ཡིན་པར་མ་ཟད་བརྙན་རིས་སོགས་བོད་ཀྱི་ཡུལ་ལྗོངས་ལེགས་ཤོས་ལྷ་ས་དང་རྨ་ཆེན་གངས་རི་གཉན་པོ་གཡུ་རྩེ་སོགས་ནས་ཕབ་ནས་གྲུབ་པ་ཞིག་ཡིན།    སྐབས་འདི་དང་བསྟུན་ནས་འགྲོ་མིའི་རིགས་དང་སྲོག་ཆག་ཡོངས་ལ་གནམ་ལོ་གསར་བའི་ནང་དུ་བདེ་ཞིང་སྐྱིད་པའི་སྨོན་ཚིག་བརྗོད་ཀྱིན་ཡོད།   བཀྲ་ཤིས་བདེ་ལེགས།